Nitartha Digital Library
Tibetan
ཞེ་ཆེན་རྒྱལ་ཚབ་གསུང་འབུམ་པོད་བཅུ་གསུམ་པ།

1 occurrence of ༄༅། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གི་མཛེས་སྐུ་ལྟ་བས་མི་ངོམས་མཚན་དཔེའི་འོད་རིས་བྱེ་བས་འཁྱུད།
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
འདའ་ཁའི་སྨོན་ལམ།
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ༄༅། །འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་གི་མཛེས་སྐུ་ལྟ་བས་མི་ངོམས་མཚན་དཔེའི་འོད་རིས་བྱེ་བས་འཁྱུད།
[Clear Hits]

 
previousའདའ་ཁའི་སྨོན་ལམ།next

འདའ་ཁའི་སྨོན་ལམ།

༄༅། །འདའ་ཁའི་སྨོན་ལམ། ན་མོ་གུ་རུ་བུདྡྷཱ་བོ་དྷི་ས་ཏྭ་ཡ། རབ་འབྱམས་ཕྱོགས་དུས་བདེ་གཤེགས་སྲས་དང་བཅས། །ཁྱད་པར་རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་ཚོགས། །མདུན་གྱི་ནམ་མཁར་མངོན་སུམ་བཞུགས་ནས་ཀྱང་། །ཇི་ལྟར་སྨོན་པའི་འབྲས་བུ་མཆིས་པར་མཛོད། །ལེགས་བྱས་འདིས་མཚོན་དུས་གསུམ་བསགས་པ་ཡི། །དགེ་ཚོགས་མཐའ་དག་གཅིག་ཏུ་བསྡོམས་བྱས་ནས། །ཀུན་བཟང་མཆོད་པའི་སྤྲིན་དུ་ལེགས་དམིགས་ནས། །མཁའ་ཁྱབ་བླ་མ་རྒྱལ་བ་སྲས་བཅས་མཆོད། དེའི་མཐུས་བདག་དང་མཐའ་ཡས་སེམས་ཅན་རྣམས། །སྐྱེ་ཀུན་མཐོ་རིས་ཡོན་ཏན་རྫོགས་པའི་རྟེན། །ལེགས་རྙེད་དགེ་བའི་བཤེས་ཀྱིས་རྗེས་བཟུང་མཐུས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་འཇུག་པར་ཤོག །སངས་རྒྱས་རྒྱ་མཚོ་མཉེས་བྱས་དམ་ཆོས་འཛིན། །སེམས་ཅན་རྒྱ་མཚོ་ཡོངས་སྨིན་ཞིང་ཀུན་སྦྱངས། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་མཐར་ཕྱིན་ནས། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཞིང་། །དགེ་འདུན་སྡེ་རྒྱས་བཤད་སྒྲུབ་མངའ་ཐང་དར། །རྒྱལ་ཁམས་བདེ་སྐྱིད་དགེ་བཅུའི་སྣང་བ་རྒྱས། །རྫོགས་ལྡན་དུས་བཞིན་སྣོད་བཅུད་འབྱོར་གྱུར་ཅིག །མདོར་ན་རྒྱལ་སྲས་འཇམ་དཔལ་ཀུན་བཟང་སོགས། །བློ་མཆོག་རྣམས་ཀྱིས་ཇི་ལྟར་བསྔོས་པ་དང་། །སྨོན་པའི་འབྲས་བུ་ཇི་བཞིན་མངོན་གྱུར་ཏེ། །ཆོས་ཀྱི་དབྱིངས་མཉམ་མི་ཟད་འཕེལ་གྱུར་ཅིག །བཀྲ་ཤིས་གང་ཞིག་མཆོག་གསུམ་བདེན་མཐུ་ཡིས། །མི་ཤིས་མཚན་མ་འགའ་ཡང་མི་འབྱུང་ཞིང་། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང་། །དོན་གཉིས་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག །ཅེས་པའང་ཤཱཀྱའི་དགེ་སྦྱོང་རྒན་བུ་ཞེ་ཆེན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་བྲིས་པ་དགེ། །།


previousའདའ་ཁའི་སྨོན་ལམ།next